帕罗
词:格日当周
曲:桑杰才让
ཡ་ཐོད་ཀྱི་གཉེར་རིས་རེ་རེའི་གསེང་ན
额头上的每一层皱纹
བརྗོད་མི་ཚར་བའི་གཏམ་རྒྱུད་རེ་རེ་ཡོད
雕刻着道不尽的故事
སྐྲ་དཀར་གྱི་ཉག་མ་རེ་རེའི་རྩེ་ན
每一根白色发尖
འདས་སོང་གི་ཕྱིར་དྲན་རེ་རེ་ཡོད
沾染着不可言语的往事
གོམ་འགྲོས་འཁྱར་འཁྱོར ལག་པ་འདར་འདར
步履蹒跚 双手哆嗦
སྟོབས་ཀྱིས་ཁེངས་བའི་བྲང་གཞོང་ལ་རྩིབ་མ་ཡི་རི་མོ་བཀྲ
充满力量的胸膛显现肋条的图画
སྤོབས་པས་བཏེགས་པའི་མགོ་བོ་ལ་ལོ་ན་ཡི་ལྗིད་ཤུགས་འཕྱང
傲立的头颅如秋麦般下垂
ཕ་ལོ་ལགས མགོ་བོ་ཡར་ལ་དགྱེས་དང
父亲 抬起头颅
ངས་བྱིས་དུས་ཀྱི་ཁྱེད་རང་མཐོང་འདོད
想见朝气蓬勃的你
ངས་ཁྱེད་ཀྱི་སྤོབས་པ་དང་སྟོབས་ཀྱིས་ཁེངས་བའི་ལང་ཚོ་དེ་མཐོང་འདོད
想见你充满勇气和力量的青春
ལོ་ཟླ་ཡི་འཁྱུག་འགྲོས་རེ་རེའི་གསེང་ན
匆匆逝去的岁月
བློས་མི་དཔོག་པའི་སླུ་བྲིད་རེ་རེ་ཡོད
布满不可想象的诱惑
བུ་ཕྲུག་གི་རྒྱབ་གཟུགས་རེ་རེའི་ངོས་ན
每一个子辈的背影
བརྩེ་འདང་གི་རི་མོ་རེ་རེ་ཡོད
刻画情义的图纹
མིག་ཟུང་རབ་རིབ ཁ་ལྕེ་ཏིག་ཏིག
双目朦胧 言语碍口
ལྡེམ་མྱུར་འཁྱུག་པའི་ལུས་པོ་ལ་དུས་ཚོད་ཀྱི་ལྕགས་སྒྲོག་བསྐོན
敏捷的身体拷上时间的枷锁
གཟི་མདངས་བཀྲ་བའི་ངོ་གདོང་ལ་སྟོན་མཇུག་གི་ལོ་མ་བབས
俊美的脸庞雕刻岁月的痕迹
ཕ་ལོ་ལགས ལུས་པོར་མཉེན་ལྕུག་དོད་དང
父亲 展开敏捷身体
ངས་བྱིས་དུས་ཀྱི་ཁྱེད་རང་མཐོང་འདོད
想见朝气蓬勃的你
ངས་ཁྱེད་ཀྱི་སྤོབས་པ་དང་སྟོབས་ཀྱིས་ཁེངས་པའི་ལང་ཚོ་དེ་མཐོང་འདོད
想见你充满勇气和力量的青春
